Skip to main content

Posts

Showing posts from November, 2013

༼འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་ལྔ་པའི་གསེར་ཁྲི་གསོལ༽

མི་དབང་མངའ་བདག་རིན་པོ་ཆེ་དཔལ་འཇིག་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་སྤྱི་ལོ་༡༩༨༠ཟླ༢པའི་ཚེས་༢༡ལུ་སྐུ་འཁྲུངས་ནུག །དགུང་ལོ་༢༤བཞེས་པའིསྤྱི་ལོ་༢༠༠༤ཟླ༡༠པའི་ཚེས་༢༡་ཤིང་སྤྲེལ་ཟླ་༩པའིཚེས་༨ལུ་གཟའ་སྐར་ག་ནི་བ་ཕུན་སུམ་ཚོགས་པའི་ཉིན་མར་བཀྲིས་ཆོས་རྫོང་གི་ཀུན་ར་ཐོག་ཁར་སྐྱཔས་རྗེ་རྗེ་མཁན་ཁྲི་རབས་༧༠པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ཀྱི་དབུ་བཞུགས་ཐོག་ རང་ལུགས་རྟེན་འབྲེལ་ཟབ་མོའི་སྒོ་ལས་ཆོས་རྩེ་དཔོན་སློབ་ཀྱི་ཁྲི་མངའ་གསོལ་ཞུ་ཡི། ཆོས་རྩེ་དཔོན་སློབ་མངའ་གསོལ་གྱི་དགའ་སྟོན་ངོ་མ་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བ་དབང་ཕྱུག་བརྒྱུད་འཛིན་གྱི་གདན་ས་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེའི་རྫོང་ནང་ཉིནམ་གསུམ་གྱི་རིང་མཛད་གནང་ཡི།། དུས་ཚོད་དེམ་གཅིག་གི་བར་ན་འཛམ་བུ་གླིང་གི་རྒྱལ་ཁབ་ག་ཏེ་གི་རྒྱལ་པོ་རང་ཨིན་རུང་རང་གི་ཕྱག་ལུ་ཡོད་མི་རྒྱལ་སྲིད་ཀྱི་དབང་ཚད་འདི་མི་ཚེའི་རིང་རང་གི་ཕྱག་ལུ་བཞག་སྟེ་སྤྱོད་པ་མ་གཏོགས་དབང་ཚད་ཡོད་བཞིན་དུ་གཞན་ལུ་སྤྲོད་མི་འདི་སངྱས་དང་བྱང་ཆུབ་སེམས་པའི་སྤྲུལ་པ་རེ་རེ་གཉིས་གཉིས་མ་གཏོགས་མེདཔ་ཨིན། ཨིན་རུང་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་འབྲུག་གི་རྩ་ཁྲིམས་ཆེན་མོ་བརྩམས་གནངམ་ད་འབྲུག་རྒྱལ་པོ་ག་ར་ཨིན་རུང་དགུང་ལོ་༦༥་ལུ་རྒྱལ་ཁྲིམས་ལས་…