Wednesday, March 13, 2013

Tibetan Alphabetical poem

        ཀ་བཤད་འབེལ་གཏམ་བསྡུས་པའི་ཕྲེང་བ།
ཀ་ནས་དག་པ་མཁའ་ཡི་རང་བཞིན་སེམས།།  ཁ་དོག་མ་རིག་ནག་པོའི་ཆུ་འཛིན་གྱིས།།
ག་ལ་བ་དེར་རྒྱུ་ཞིང་རབ་བསྒྲིབས་ནས་་་་་་།། ང་དང་ང་ཡིར་འཛིན་པའི་གཞན་དབང་གྱུར།།
ཅ་ཅོ་སྒྲོག་པ་མི་སྡུག་འཁོར་བའི་གནས་་་་་།། ཆ་ཚད་མུ་མཐའ་མེད་འདིར་འགྲོ་རྣམས་འཕྱན།།
ཇ་ཆང་ཁོ་ནར་སྤྱོད་པའི་ཉམ་ཐག་རྣམས།། ཉ་བཞིན་འཆི་བདག་ཉ་པས་གཏོང་ངམ་ཅི།།
ཏ་ཐཱ་ག་ཏའི་གསུང་གི་རྗེས་བསྙེགས་ལས།། མཐའ་མ་འཚང་རྒྱའི་ཐབས་གཞན་མ་མཆིས་པས།།
ད་ལྟ་ཉིད་ནས་སྙིང་པོ་མ་ལེན་ན།། ན་ཚོད་རྒས་པས་ཐོས་བསམ་སྒྲུབ་པར་དཀའ།།་
པ་སངས་སློབ་མ་གཡུལ་ངོར་འགལ་འདོད་ཀྱང་།། ཕ་རོལ་བཅུད་ལྡན་རྒྱལ་བ་ལྷ་ཡི་ལས།།
བ་ལང་ལྟ་བུ་བག་མེད་སྤྱོད་བེད་ཚོ།། མ་ཎི་ཅི་ནུས་བཟླས་པས་སྡིག་ལས་རྒྱལ།།
ཙ་ཀྲ་ཝ་རྟིར་གྱུར་ཀྱང་རྟག་བརྟན་མེད།། ཚ་དམྱལ་གླིང་ལ་སྐྱུར་བ་ངེས་པར་སྲིད།།
 ཛ་ལང་ལྟ་བུ་བག་མེད་སྤྱོད་བེད་ཚོ།། ཝ་ཡེ་བག་ཡོད་འགྱུར་སྲིད་སོར་ཕྲེང་བཞིན།།
ཞ་བོ་ཡན་ལག་ཉམས་པ་སྔོན་བསགས་ལས།། ཟ་འཚོ་ཁ་བྲལ་སོང་ཡང་འཕྲལ་གྱི་རྐྱེན།།
འ་འུར་མི་ཉན་སྒྲོག་འདིར་བལྟས་ཙ་ན།། ཡ་རེ་ང་བའི་མོས་ལ་དམ་ཆོས་དྲན།།
ར་བ་ལྟ་བུ་ཁ་བའི་སྐོར་བའི་ལྗོངས།། ལ་ལུང་ཚལ་གྱིས་གང་བའི་འབྲུག་ཡུལ་དུ།།
ཤཱཀྱ་སེང་གེའི་བསྟན་པའི་སྣང་བྱེད་འོད།། ས་འདིར་ཤར་ནས་འགྲོ་བའི་སྡུག་བསྔལ་སེལ།།
ཧ་ཅང་རྩོམ་པ་བཟང་པོའི་རྣམ་དཔྱོད་དབེན།། ཨ་ཉོག་བྱིས་པའི་རྩོམ་ཞིག་ཁོ་བོས་སྦྱར།།

No comments:

Post a Comment

comment and help me to go further

Comments System

Disqus Shortname