Skip to main content

༼འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་ལྔ་པའི་གསེར་ཁྲི་གསོལ༽


      
མི་དབང་མའ་བདག་རིན་པོ་ཆེ་དཔལ་འཇིག་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་སྤྱི་ལོ་༡༩༨༠ཟླ༢པའི་ཚེས་༢༡ལུ་སྐུ་འཁྲུངས་ནུག །དགུང་ལོ་༢༤བཞེས་པའིསྤྱི་ལོ་༢༠༠༤ཟླ༡༠པའི་ཚེས་༢༡་ཤིང་སྤྲེལ་ཟླ་༩པའིཚེས་༨ལུ་གཟའ་སྐར་ག་ནི་བ་ཕུན་སུམ་ཚོགས་པའི་ཉིན་མར་བཀྲིས་ཆོས་རྫོང་གི་ཀུན་ར་ཐོག་ཁར་སྐྱཔས་རྗེ་རྗེ་མཁན་ཁྲི་རབས་༧༠པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ཀྱི་དབུ་བཞུགས་ཐོག་ རང་ལུགས་རྟེན་འབྲེལ་ཟབ་མོའི་སྒོ་ལས་ཆོས་རྩེ་དཔོན་སློབ་ཀྱི་ཁྲི་མངའ་གསོལ་ཞུ་ཡི། ཆོས་རྩེ་དཔོན་སློབ་མངའ་གསོལ་གྱི་དགའ་སྟོན་ངོ་མ་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བ་དབང་ཕྱུག་བརྒྱུད་འཛིན་གྱི་གདན་ས་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེའི་རྫོང་ནང་ཉིནམ་གསུམ་གྱི་རིང་མད་གནང་ཡི།།
དུས་ཚོད་དེམ་གཅིག་གི་བར་ན་འཛམ་བུ་གླིང་གི་རྒྱལ་ཁབ་ག་ཏེ་གི་རྒྱལ་པོ་རང་ཨིན་རུང་རང་གི་ཕྱག་ལུ་ཡོད་མི་རྒྱལ་སྲིད་ཀྱི་བང་ཚད་འདི་མི་ཚེའི་རིང་རང་གི་ཕྱག་ལུ་བཞག་སྟེ་སྤྱོད་པ་མ་གཏོགས་དབང་ཚད་ཡོད་བཞིན་དུ་གཞན་ལུ་སྤྲོད་མི་འདི་སངྱས་དང་བྱང་ཆུབ་སེམས་པའི་སྤྲུལ་པ་རེ་རེ་གཉིས་གཉིས་མ་གཏོགས་མེདཔ་ཨིན། ཨིན་རུང་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་འབྲུག་གི་རྩ་ཁྲིམས་ཆེན་མོ་བརྩམས་གནངམ་ད་འབྲུག་རྒྱལ་པོ་ག་ར་ཨིན་རུང་དགུང་ལོ་༦༥་ལུ་རྒྱལ་ཁྲིམས་ལས་ཟུར་མཛད་འབད་དགོཔ་སྦེ་བཀོད་གནང་མི་འདི་ལུ་མ་མང་གིས་གསོལ་བཏབ་ཞུ་འཕྲོ་ལུ་སྤྱི་ལོ་༢༠༠༥ཟླ༡༢པའི་ཚེས་༡༧ལུ་འབྲུག་གི་རྒྱལ་ཡོངས་དུས་ཆེན་ཐེངས་༩༨པ་བཀྲིས་གཡང་རྩེ་ལུ་བརྩི་སྲུང་མཛད་གནངམ་ད་སྤྱི་ལོ་༢༠༠༨་ལས་འབྲུག་རྒྱལ་པོའི་ཕྱག་འགན་བརྒྱུག་འཛིན་རྒྱལ་སྲས་ལུ་རྩིས་སྤྲོད་གནང་སྟེ་ཁོ་ར་རྒྱལ་པོའི་ཁྲི་ལས་དགོངས་ཞུ་མཛད་ནིའི་ཁྱབ་བསྒྲགས་གནང་ཡི། དེ་ལས་ཁྱབ་བསྒྲགས་གནངམ་བཞིན་དུ་གནམ་ལོ་༢༠༠༦་མེ་ཁྱི་ཟླ་༡༠པའི་ཚེས་༢༤དང་སྤྱི་ལོ་༢༠༠༦་ཟླ་༡༢་པའི་ཚེས་༡༤་ལུ་ཐིམ་ཕུ་བཀྲིས་ཆོས་རྫོང་ནང་དམིགས་བསལ་ལྷན་རྒྱས་གཞུང་ཚོགས་ཅིག་གནང་བའི་སྐབས་ འབྲུག་རྒྱལ་བཞི་པ་ཁོ་ར་དགུང་ལོ་༥༡ལས་མ་བཞེས་རུང་རྒྱལ་ཞབས་རང་ཉིད་ཀྱིས་ཐུགས་ཐག་བཅད་ཐོག་ལས་འབྲུག་གི་རྒྱལ་སྲིད་འཛིན་སྐྱོང་གི་ཐུགས་འགན་ཧྲིལ་པོར་བརྒྱུད་་འཛིན་གྱི་རྒྱལ་སྲས་མི་དབང་ཀྲོང་གསར་དཔོན་སློབ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ལུ་ཐུགས་སྨོན་རྒྱ་ཆེན་པོ་དང་བཅས་རྩིས་སྤྲོད་གནང་སྟེ་འབྲུག་རྒྱལ་བཞི་པ་ཁོ་ར་ རྒྱལ་པོའི་གསེར་ཁྲི་གུ་ལས་མར་བབས་གནང་སྟེ་དགོངས་ཞུ་མཛད་གནང་ཡི། དེ་གི་ཤུལ་ལས་རྒྱལ་སྲས་མཆོག་མི་དབང་ཡབ་དང་གཅིག་ཁར་

སྤྱིར་བཏང་རྒྱལ་སྲས་ཀྱི་ཉམས་མྱོང་བཞེས་ནི་དང་གཅིག་ཁར་ དུས་ཚོད་མང་རབས་ཅིག་ རྒྱལ་ཁབ་ནང་དུས་ཚོད་གསར་པའི་འཕོ་འགྱུར་མི་སེར་དམངས་གཙོའི་རིང་ལུགས་འགོ་བཙུགས་ནི་གི་རྩ་ཁྲིམས་ཟིན་བྲིས་མི་མང་དང་གཅིག་ཁར་གྲོས་བསྡུར་གནང་ནིའི་ཕྱག་ལཱ་ནང་བཅའ་མར་གཏོགས་ཏེབཞུགས་ནུག
  དེ་ལས་འབདན་ མི་དབང་མངའ་བདག་རིན་པོ་ཆེ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་རྒྱལ་པོའི་ཕྱག་འགན་རྩིས་་བཞེས་ཏེ་ལོ་ངོ་༡དང་ཟླ་ངོ་༡༡ལུ་ཡོངས་གྲགས་གསེར་ཁྲི་མངའ་གསོལ་གྱི་དགའ་སྟོན་རྟེན་འབྲེལ་བརྩི་གནང་ཡི། དེ་ཡང་སྤྱི་ལོ་༢༠༠༨ཟླ༡༡ཚེས་༡རང་ལུགས་ས་བྱི་ཟླ༩ཚེས་༣ལུ་སྤུངས་ཐངས་བདེ་བ་ཆེན་པོའི་ཕོ་བྲང་ནང་ཞབས་དྲུང་མ་ཆེན་རིན་པོ་ཆེའི་སྐུ་མདུན་ལས་བྱིན་ཅན་གྱི་དར་བཞེས་ཏེ་ཀུན་ར་ཆེན་མོའི་ནང་ལུ་སྐྱབས་རྗེ་རྗེམཁན་ཁྲི་རབས་༧༠པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ཀྱིས་དབུ་ཁྲིད་ཐོག་ལས་གསེར་ཁྲི་མངའ་གསོལ་ཞུཝ་ད་ མི་དབང་འབྲུག་རྒྱལ་བཞི་པ་དང་མངའ་བདག་སྐུ་འཁོར་ཡོངས་རྫོགས་བླ་སྤྲུལ་དགེ་འདུན་འདུས་པའི་སྡེ་དང་འབྲུག་གཞུང་བློན་ཆེན་གྱི་གཙོས་པའི་ཆེས་མཐོའི་གཞུང་གི་དཔོན་ཁག་ རྒྱལ་སར་གཏན་འཇགས་ཕྱི་རྒྱལ་གྱི་སྐུ་ཚབ་ཚུ་དང་ས་གནས་ཀྱི་རྫོང་ཁ་གི་མི་སེར་ལྷན་འཛོམས་ཀྱི་ཐོག་ལས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བརྩི་སྲང་ཞུ་ཡི།།
   དེ་གི་ཤུལ་མ་སྤྱི་ལོ་༢༠༠༨ཟླ་༡༡ཚེས་༦ལུ་ཐིམ་ཕུ་བཀྲིས་ཆོས་རྫོང་གི་གསེར་ཁྲི་ཁང་བཟང་ནང་ འབྲུག་རྒྱལ་བཞི་པ་དཔལ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་གིས་དབུ་ཞྭ་བྱ་རོག་གདོང་ཅན་ཕུལ་ཏེ་ འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་ཞུཝ་ད་སྐུ་མགྲོན་གཙོ་རྒྱ་གར་རྒྱལ་ཚབ་ཤཱི་མ་ཏི་གཙོས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་ཆེས་མཐོའི་སྐུ་ཆེན་པོ་ཚུ་གིས་མངོན་པར་བསྟོད་པའི་དབུས་སུ་གསེར་ཁྲི་མངའ་གསོལ་གྱི་དགའ་སྟོན་རྟེན་འབྲེལ་རྒྱས་ཤིང་རྒྱས་པར་བརྩི་གནངམ་མ་ཚད་མི་དབང་མངའ་བདག་རིན་པོ་ཆེ་གིས་ཀུན་ར་ཆེན་མོའི་ནང་དང་རྟེན་འབྲལ་ཐང་ནང་དཔོན་འབངས་ལྷ་སྡེ་ མི་སྡེ་སྐུ་མགྲོན་ལྷན་རྒྱས་ཡོངས་ལུ་ཡང་མཇལ་ཁ་གནང་སྟེ་ཁྲི་དར་ཕུལ་ནིའི་གོ་སྐབས་གནང་ཡི།།
   དེ་ལས་སྤྱི་ཚེས་༧དང་༨ལུ་ཅང་གླིང་མི་ཐང་གི་དགའ་སྟོན་ཐང་ནང་འབྲུག་མི་འབུམ་ཕྲག་ལས་ལྷག་སྟེ་འཛོམས་ཞིནམ་ལས་དགའ་སྟོན་རྒྱས་སྤྲོ་ཆེན་པོའི་དུས་སྟོན་བརྩི་སྲུང་ཞུཝ་ད་ མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་རྒྱལ་ཡོངས་ལུ་གསུང་བཤད་གནང་མི་ནང་ ང་ར་ལུ་སྒེར་དོན་འགྲུབ་དགོཔ་ག་ནི་ཡང་མེད་ངིའི་རེ་བ་དང་དམིགས་ཡུལ་ཟེར་རུང་རྒྱལ་ཁབ་དང་མི་དམངས་གི་

མཐའ་དོན་འགྲུབ་ནི་དེ་རྐྱངམ་གཅིག་ཨིནམ་ལས་ད་ལས་ཕར་ང་རྒྱལཔོ་བཟུམ་མེན་པར་མི་སེར་ལུ་ཕམ་བཟུམ་མའི་ཕངས་སེམས་བསྐྱེད་དེ་ཞབས་ཏོག་ཞུ་ནི་ཨིན་ཟེར་གསུངས་ཡི།
དགའ་སྟོན་གྱི་དུས་ཡུན་ཧྲིལ་པོར་མི་སེར་གང་མང་ལུ་བྱམས་དང་བརྩེ་བའི་གསུང་དང་སྐུའི་མཇལ་ཁ་གནངམ་ལས་མི་མང་ཡོངས་ལུ་དགའ་མགུ་ཚད་མེད་ཀྱི་དགའ་སྤྲོ་ཐོབ་སྟེ་མི་སེར་གྱི་རྒྱལ་པོ་ཟེར་བའི་གུས་ཞན་གྱི་གདུང་དབྱངས་ཡོངས་གྲགས་ཀྱི་ཐོག་ལས་འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་ཐོག་མཐའ་བར་གསུམ་རྟེན་འབྲེལ་ཤིན་ཏུ་བཟང་བའི་ཐོག་ལས་གྲུབ་གནང་ཡི་ཟེར་ཞུ་ནི་ཨིན།
ད་མཇུག་རང་རྒྱལ་བརྒྱུད་ལོ་བརྒྱའི་དགའ་སྟོན་གྱི་རྟེན་འབྲེལ་གླུ་དབྱངས་བཅསཔ་སྦེ་མཇུག་བསྡུ་ནི།
    སྨན་ལྗོངས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་།། གཅིག་སྟོང་དགུ་བརྒྱ་བདུན་གྱི་གནམ་ལོ་ལས།།
    རྒྱལ་ཐོག་དང་པ་ཨོ་རྒྱན་དབང་ཕྱུག་བྱོན་་་་་་་་་་་་་་་་།། རྒྱལ་བརྒྱུད་རིང་ལུགས་བརྙེས་པ་རྟེན་འབྲེལ་བཟང་།།
    མི་དབང་འཇིགས་མེད་དབང་ཕྱུག་སྐུ་དབང་གིས།། ངན་པ་ཚར་གཅོད་བཟང་པོ་རྗེས་འཛིན་དང་།།
    མཐུན་ཕྱོགས་རྒྱལ་ཁབ་འབྲེལ་ལམ་གཞི་བཙུགས་ཀྱིས།། རྒྱལ་སྲིད་རྩ་བ་བརྟན་པ་རྟེན་འབྲེལ་བཟང་།།
    མངའ་བདག་འཇིག་མེདརྡོེ་་དབང་ཕྱུག་མཆོག། ཡར་ཐོན་ཅན་གྱི་དེང་སང་ལམ་ལུ་ཞུགས།།
    འབྲུག་འདི་རྒྱལ་ཁབ་སྤྱིའི་གྲལ་ཁར་བཙུགས།། དཔལ་འབྱོར་མངའ་ཐང་གོང་འཕེལ་རྟེན་འབྲེལ་བཟང་།།
   མཚུངས་མེད་མངའ་བདག་འཇིགས་མེད་སེང་གེའི་ཞབས།། རྒྱལ་ཁབ་རང་དབང་སྲུང་སྐྱོབས་རྩ་བརྟན་བཟོ།།
   མ་འོངས་གཏན་བཞག་དམངས་གཙོའི་རིང་ལུ་བཙུགས།། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་རྟེན་འབྲེལ་བཟང་།།
སྤྱི་ལོ་གཉིས་སྟོང་བརྒྱད་ཀྱི་དགུང་བཟང་འདིར།། མངའ་བདག་མི་དབང་འཇིགས་མེད་གེ་སར་མཆོག།
བརྒྱུད་འཛིན་ལྔ་པའི་གསེར་ཁྲི་ཕེབས་པ་ལེགས།། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པར་ཤོག།

Comments

Post a Comment

comment and help me to go further

Popular posts from this blog

Life is challenging????

Life isn't all about eating and sleeping. I think I am quite okay compare to other people but yes I have been running through difficulties like others at some point of my life. I wonder if one can do what others are doing too but not many of us are able to. Today I worked as lecturer and my job is to teach but then it is different for the others.

For some life is traveling around world and visiting places they like and explore. For some it is begging everyday and earn to eat one time food. For some it is wrestling, boxing, body building and want to gain name and fame.  For some becoming leader and politician working for the country. For some it is all about praying, meditating and working for the others good. For some it is all about business making money. For some looking for a girl friend and boy friend to date and enjoy. Some landing on the moon and mars finding what is there.

to be continued and writing after long time. please follow me as I am back.

Buli Tulku Biography

A brief Biography of Buli Tulku: the Linage of 
Terton Dorji Lingpa... Taken from Kinga 
Jigdrel Singye Chholling Monastery
page .

From the time of the historical Buddha to the present day, unbroken succession of great beings have achieved enlightenment and have dedicated themselves to teaching others the path that leads to awakening. Buddhism was brought from India to Tibet over several generations, starting with King Songtsen Gampo in the 6th century, and was finally established as the state religion under the King Trisong Detsen in the 8th century. In Tibetan Buddhism, there is a widespread tradition of recognizing the reincarnations of highly realized teachers. Such incarnations are known as Tulkus. They take rebirth out of compassion, and to carry on the responsibilities of their previous incarnations. Thus, Buli Tulku is one of such reincarnated Tulkus and had passed several lineages. 

1. Phagpa Magapa: Buli Tulku, Lama Sonam Loday was born as a Legdrup at Tsang Nenmo in Kham, China …