Monday, January 25, 2016

Why Lama is Important

༄༅།།ཀུན་འདུས་ཀྱི་བླ་མ།།

བླ་མ་སངས་རྒྱས་བླ་མ་ཆོས།།
དེ་བཞིན་བླ་མ་དགེ་འདུན་ཏེ།།
དཀོན་མཆོག་ཀུན་འདུས་བླ་མ་ལ།།
ལུས་ངག་ཡིད་གསུམ་གསོལ་བ་འདེབས།།

བླ་མ་ཡི་དམ་མཁའ་འགྲོ་སྟེ།།
བླ་མ་ཆོས་སྐྱོང་སྲུང་མ་ཡིན།།
རྩ་གསུམ་ཡོངས་རྫོགས་བླ་མ་ལ།།
བློ་སྙིང་བྲང་གསུམ་གསོལ་བ་འདེབས།།

བླ་མའི་སྐུ་ནི་སྤྲུལ་སྐུ་སྟེ།།
བླ་མའི་ངག་ནི་ལོངས་སྐུ་ཡིན།།
བླ་མའི་ཐུགས་ནི་ཆོས་སྐུ་སྟེ།།
ཆོས་ལོངས་སྤྲུལ་གསུམ་གྱི་བླ་མ་ལ་གསོལ་བ་འདེབས།།

བདེ་ཆེན་ཡེ་ཤེས་བླ་མའི་ངོ་བོ་ཡིན།།
མི་ཤིགས་ཐིག་ལེ་བླ་མའི་རྣམ་པ་ཡིན།།
དུས་གསུམ་སངས་རྒྱས་བླ་མའི་བྱོན་བཞུད་ཡིན།།
ཀ་དག་ལྷུན་གྲུབ་ཀྱི་བླ་མ་ལ་གསོལ་འདེབས།།

སྣང་བའི་དངོས་པོ་རང་བཞིན་མེད་པས་སྟོང་།།
སྟོང་བའི་ངོ་བོ་རྒྱུ་རྐྱེན་ལ་བརྟེན་སྣང་།།
རྟེན་ཅིང་འབྲེལ་འབྱུང་རིགས་པའི་རྒྱལ་བོ་ཡི།།
གནས་ལུགས་མངོན་སྟོན་གྱི་བླ་མ་ལ་གསོལ་བ་འདེབས།།

བདེ་བའི་ངོ་བོ་སྟོང་བར་ཡུན་དུ་བསྲེས།།
གསལ་སྟོང་འཛིན་མེད་ངང་ལ་མཉམ་བཞག་གིས།།
ཆུ་ནང་ཟླ་གཟུགས་ནམ་མཁའ་སྤྲོས་བྲལ་གྱི།།
གནས་ལུགས་རྗེན་སྟོན་གྱི་བླ་མ་ལ་གསོལ་བ་འདེབས།།

མི་དྲན་དགུ་དྲན་མི་ཤར་དགུ་ཤར་དང་།།
མི་བྱེད་དགུ་བྱེད་མི་འགྱུ་དགུ་འགྱུ་ཡི།།
ཐ་མལ་སེམས་འདི་སངས་རྒྱས་ཆོས་སྐུ་རུ།།
བསྒྱུར་མཁས་སྤྲུལ་བསྒྱུར་གྱི་བླ་མ་ལ་གསོལ་བ་འདེབས།།

No comments:

Post a Comment

comment and help me to go further

Comments System

Disqus Shortname