གཞུང་སྒྲ་ཡ་གི་ལེགས་པའི་ལྡིང་རི་ནང་གི་འབྱུང་ཁུངས་དང་ལོ་རྒྱུས།
༼ཡ་གི་ལེགས་པའི་ལྡིང་རི་ནང་།༽
ཡ་གི་ལེགས་པའི་ལྡིང་རི་ནང། །ལྷ་འདྲེ་ཆགས་པའི་ལྡིང་རི་ནང་། །
སྐར་སངས་གསེར་གྱི་བཟང་བུམ་ནང་། །ཡི་དམ་མཁའ་འགྲོ་ཕེབས་ཟེར་ཕེབས། །
མཚན་ལྡན་བླ་མའི་མཇལ་ཁ་ནང་། །བྱིན་རླབས་གསུང་སྐད་ཡོད་ཟེར་ཡོད། །
གླུ་གཞས་ལུ་ བོད་སྒྲ། གཞུང་སྒྲ་དང་ རིག་གསར་ ཟེར་གསུམ་ཡོད་ས་ལས་
གོང་ལུ་ཡོད་པའི་གླུ་ཚིག་འདི་ གཞུང་སྒྲ་ཨིན་མས། གཞུང་སྒྲ་འདི་ དབང་འདུས་རྫོང་ཁག་གི་མངའ་འོག་ལུ་ཡོད་པའི་
གཡུས་སྒང་སྟེང་ཟེར་སར་ལུ་ སྒང་སྟེང་ལྷ་ཁང་འདི་ བཞེངས་པའི་སྐབས་ལུ་ སྒང་སྟེང་སྤྲུལ་སྐུ་
སྐུ་འཕྲེང་གཉིས་པ་ བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱིས་བརྩམས་གནང་ནུག།
སྒང་སྟེང་ལྷ་ཁང་གི་ གདན་ས་འགོ་དང་པ་
གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་ཀྱིས་བཅག་གནང་པའི་ཤུལ་ལུ་ སྒང་སྟེང་སྤྲུལ་སྐུ་ སྐུ་འཕྲེང་གཉིས་པ་ བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱིས་ གདན་ས་བཅག་གནང་ནུག།
དེ་སྒང་ སྤྲུལ་སྐུ་གིས་ སྒང་སྟེང་ལྷ་ཁང་འདི་ རྒྱ་བསྐྱེད་གནང་པའི་སྐབས་སུ་ ལྷ་ཁང་གི་ལྡིང་རི་འདི་ ཡར་ག་དེམ་ཅིག་བསྐྱལ་རུང་བསྐྱལ་མ་ཚུགས་པས་ དེ་ལས་ སྤྲུལ་སྐུ་བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱིས་
མངོན་ཤེས་གཟིགས་ཅིག་ཟེར་ཨིན་མས། དེ་སྐབས་ ཤར་གྱི་གཡུས་ཁ་ལུ་ ཤར་སྲུན་བདུདམོ་ཟེར་མི་གཅིག་ཡོད་མི་
བདུདམོ་འདི་གིས་ ལྡིང་རི་གུར་འཛེག་ཏེ་སྡོད་ཡོདཔ་སྤྲུལ་སྐུ་གིས་མངོན་ཤེས་གཟིགས་ནུག།
དེ་ལས་སྤྲུལ་སྐུ་གིས་
ཡ་གི་ལེགས་པའི་ལྡིང་རི་ནང་།། ལྷ་འདྲེ་ཆགས་པའི་ལྡིང་རི་ནང་།། ཟེར་མི་ གླུ་ཚིག་འདི་བརྩམས་ཏེ་
གཡུས་ཁར་ལས་ བུམོ་གཟུགས་ཤིང་དང་ངོ་རིས་ཡོད་པའི་ཁར་ རྣམ་འགྱུར་མཛེས་ཏོག་ཏོ་ཡོད་མི་བུམོ་ལྔ་བསྟོན་ཏེ་
ལེའུ་དང་བཅས་པ་འབད་ གླུ་གར་འཁྲབ་བཅུག་ནུག། འདི་གི་སྐབས་བདུདམོ་འདི་ བུམོ་ཚུ་གིས་གར་འཁྲབ་སར་ལུ་བལྟ་སྟེ་
སེམས་གཡེང་སོངམ་ལས་ ལྷ་ཁང་གི་ལྡིང་རི་འདི་ ཤོ་་་ཅིག ཤོ་་་ཅིག་ཟེར་སླབ་སྟེ་ ཡར་ལུ་བསྐྱལ་ཚུགས་ཅིག་ཟེར་ཨིན་མས། རྒྱུ་མཚན་འདི་འབདཝ་ལས་རྟེན་ གཞུང་སྒྲ་
ཡ་གི་ལེགས་པའི་ལྡིང་རི་ནང་།། ཟེར་མི་འདི་ དེ་སྒང་ལས་དར་ཁྱབ་འབྱུང་ནུག།
ད་རེས་ནང་པ་ གཞུང་སྒྲ་ ཡ་གི་ལེགས་པའི་ལྡིང་རི་ནང་།། ཟེར་མི་འདི་
ཡོངས་གྲགས་འབད་འཐེན་སྲོལ་མིན་འདུག། དེ་འབདཝ་ལས་ ད་རེས་སློབ་ཕྲུག་རང་གིས་ འདི་ཁག་ཆེཝ་ཨིནམ་ཤེས་ཏེ་
ཀྲོང་གསར་ལས་ཨིན་མི་ ཨམ་གླེ་མོ་ཟེར་མི་དང་ཅིག་ཁར་ འབྲལ་བ་ཐབས་ཐོག་ལས་ ཞིབ་འཚོལ་འབད་འབདཝ་ཨིན་ལགས། གོང་གི་གཞུང་སྒྲ་འདི་ ཨམ་གླེ་མོ་གིས་གཡུས་ཁར་ལུ་ཧེ་མ་ལས་ ཕམ་རྒན་ཤོས་ཚུ་གིས་
འཐེན་སྲོལ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༤་ལུ་ ཨམ་གླེ་མོ་གིས་ རྒྱལ་གཞུང་འཆམ་དང་ཟློས་གར་ལྟེ་བ་ནང་ལུ་ཡང་
སློབ་སྟོན་འབད་དེ་ཡོདཔ་ཨིན་མས།
བཀྲིས་བདེ་ལེགས།
Comments
Post a Comment
comment and help me to go further